Lesotho – Day 3
On May 9th, I was invited to the National University of Lesotho, where I gave an introduction to Buddhism and some meditation instructions to between six and seven hundred students and staff.
Following this, at the request of the Senior Principal Secretary of the Prime Minister of Lesotho, Mrs Moleboheng Sefali, I gave a talk on Buddhism and meditation to government officials, among others.
That concludes my activities in Lesotho for now.
Master Hui Li, I rejoice in the amazing work you have done in Africa and offer my sincere thanks. I think it would be excellent if a number of Tibetan lamas also worked and supported activities in Africa instead of only travelling to wealthier nations.
I would also like to thank the organiser, Jasmine, and the Amitofo Care Centre directors, Josh and Pearl.
སྤྱི་ཟླ་༥པའི་ཚེས་༩ཉིན། ལེ་སོ་ཐོའི་རྒྱལ་ཡོངས་སློབ་ཆེན་དུ་དགེ་སློབ་དྲུག་བརྒྱ་ནས་བདུན་བརྒྱ་བར་ཙམ་ལ། ནང་ཆོས་ངོ་སྤྲོད་དང་སྒོམ་ཁྲིད་བྱས། དེའི་རྗེས་སུ། ལེ་སོ་ཐོའི་སྲིད་འཛིན་མཆོག་གི་དྲུང་ཆེན་གྱི་རེ་ཞུ་ལྟར། སྲིད་འཛིན་ལས་ཁུངས་ཀྱི་གཞུང་ཞབས་པ་སོགས་ལ། ནང་ཆོས་ངོ་སྤྲོད་དང་སྒོམ་ཁྲིད་བྱས། ལེ་སོ་ཐོའི་ལས་རིམ་རྣམས་རེ་ཞིག་མཇུག་གྲུབ་བོ། །གཞན་ཡང་རྒྱ་བླ་མ་ཧོས་ལིས་ཧྥ་ཧྲི་ཁྱེད་ཀྱི་ཨ་ཧྥི་རི་ཀར་རྨད་བྱུང་གི་འཕྲིན་ལས་ལ་རྗེས་སུ་ཡི་རང་དང་ཐུགས་རྗེ་ཆེ་ཞུ། བོད་ཀྱི་བླ་མ་རྣམས་ནས་ཀྱང་འབྱོར་ལྡན་རྒྱལ་ཁབ་ཁག་ཁོ་ན་ལ་ཕེབས་མི་འདུག་པར་ཨ་ཧྥི་རི་ཀའི་ཕྱོགས་ལ་མཛད་པ་རེ་སྐྱོང་ན་ཆེས་བཟང་བར་སྣང་། གོ་སྒྲིག་གནང་མཁན་སྒྲོལ་མ་མཆོག་དང་ཚོགས་གཙོ་བཅས་ལ་སྙིང་ནས་ཐུགས་རྗེ་ཆེ་ཞུ།