Conclusion of the 7th Cycle of Retreat
Message from Drupon Khen Rinpoche (24th July 2020):
ཁྲ་འགུ་སྲས་མཁར་སྒྲུབ་སྡེ་ཆེན་མོ་ནས། ད་རེས་སྒྲུབ་ཐེངས་བདུན་པ་༢༠༡༦་༠༤་༡༧-༢༠༢༠་༠༧་༢༤བར་ལོ་བཞི་དང་ཟླ་བ་གསུམ་རིང་ཐབས་གྲོལ་གྱི་ཆོས་ལ་ཉམས་ལེན་བརྩོན་ནས་ལེགས་གྲུབ་བྱུང་སོང་བས་ཁྱེད་རྣས་ཀྱིས་བསམ་དོན་ཆོས་བཞིན་འགྲུབ་ནས་མཛད་འཕྲིན་རྒྱས་པའི་སྨོན་འདུན་དང་། མཛད་སྒོ་ལ་ཕེབས་པའི་ཆོས་རྗེ་བླ་མ་དབང་ཕྱུག་སྟོབས་ལྡན་དང་མཁན་པོ་ཆོས་ཉིད་གཙོའི་སྐུ་མགྲོན་ཡོངས་ལ་ཐུགས་རྗེ་ཆེ་ཞུ། བཀྲིས་བདེ་ལེགས་ཞུ།
Today (24th July 2020) saw the successful conclusion of the seventh cycle of retreat at Thrangu Sekhar Retreat Centre. The retreat took place between 17th April 2016 and 24th July 2020, four years and three months, during which time the lamas exerted themselves in the practices of method and liberation. I pray that all you wish for is fulfilled in harmony with the dharma and that your beneficial activities flourish. I would also like to thank Choje Lama Wangchuk Topden, Khenpo Chonyi and all of the guests who attended the closing ceremony. Tashi Delek.