優莫行

三天前,即2022年5月1日(藏曆三月初一),我前往米拉日巴尊者曾經修行過的聖地——優莫(Yolmo)的虎崖獅堡朝聖。
此行是緣於我的賢善道友堪仁波切慈誠囊達對我說:「你如果有空,要不要來虎崖獅堡這個修行聖地閉關幾天?如果實在沒空,也來這裡朝聖吧。我倆一起在米拉日巴尊者的石壁畫像上方安置金頂,然後為了實修傳承法教妙寶的廣宏興盛一同發願。」
雖然,前往優莫聖地閉關也是我長久以來的心願,然而由於自己長期陷於一些無有成果的忙碌之中難以抽身,因此從未成行。
此次,為了隨喜道友為實修傳承法教所持的賢善意樂,我毅然拋開手頭大小事務,立刻答應了他的要求,前往了優莫。
我們一同念誦了米拉日巴尊者的道歌與祈請發願文,也為實修傳承的護法作了煙供。雖然暫無在此閉關的福緣,但依於堪仁波切的緣故,一位當地的地主贈送給我一小片能夠建造一兩間關房的土地,我欣喜萬分,心想我得盡快在那建起關房。
在寂靜處修行的強烈願望,長期以來都縈繞於我的心間。
我真心祈願,希望所有與我心意相親的創古寺諸位堪布、祖古、善知識與完成閉關的喇嘛們,噶舉桑耶林一些具有信心與誓戒的信眾們,以及世界各地的朋友們,能與我在像這樣的宜人寂靜處再再相聚。
好吧,那就……🙏🏿🙏🏿🙏🏿

བོད་ཟླ་༣ཚེས་༡(2022/05/01)སྟེ་ཉིན་གསུམ་སྔོན་ཁོ་བོ་ཡོལ་མོ་རྗེ་བཙུན་མི་ལའི་སྒྲུབ་གནས་སྟག་ཕུག་སེངྒེ་རྫོང་ལ་གནས་མཇལ་དུ་ཕྱིན་པ་ཡིན། དེ་ཡང་མཆེད་གྲོགས་དམ་པ་མཁན་རིན་པོ་ཆེ་ཚུལ་ཁྲིམས་རྣམ་དག་མཆོག་གིས་འདི་ག་སྒྲུབ་གནས་སྟག་ཕུག་སེངྒེ་རྫོང་དུ་ཁོམ་པ་རེ་ཡོད་ན་མཚམས་རེ་སྡོད་རྒྱུའམ། མིན་ཀྱང་གནས་མཇལ་ཞིག་འོང་ན། རང་རེ་གཉིས་རྗེ་མི་ལའི་རྡོ་སྐུ་སྟེང་དུ་གསེར་ཏོག་ཅིག་བཙུགས་ནས་སྒྲུབ་བརྒྱུད་ཀྱི་བསྟན་པ་རིན་པོ་ཆེ་དར་ཞིང་རྒྱས་པའི་ཆེད་དུ་སྨོན་ལམ་རེ་མཉམ་དུ་འདེབས་ན་གསུང་སོང་བས། ཕྲན་ནས་ཀྱང་སྒྲུབ་གནས་དེ་མཚམས་རེ་འདུག་འདོད་ཀྱི་འདུན་པ་རིང་མོ་ཞིག་ནས་ཡོད་མོད། འོན་ཀྱང་གྲུབ་འབྲས་འདི་ཞེས་ངོས་བཟུང་མེད་པའི་རྒྱུན་དུ་བྲེལ་ཟིང་ཞིག་གིས་དུས་འདའ་ནས་འགྲོ་མ་ཐུབ། ད་སྐབས་མཆེད་གྲོགས་ཁོང་གིས་སྒྲུབ་བརྒྱུད་ཀྱི་བསྟན་པ་ལ་བཅང་བའི་ལྷག་བསམ་བཟང་པོ་ལ་རྗེས་སུ་ཡི་རང་ཚུལ་དུ་བྲེལ་ཟིང་ཆེ་ཆུང་ལ་མ་ལྟོས་པར་ལམ་སང་ལེགས་སོ་ཞུས་ཏེ་སྒྲུབ་གནས་དེ་རུ་ཕྱིན། རྗེ་བཙུན་མི་ལའི་གསུང་མགུར་དང་གསོལ་འདེབས་སྨོན་ལམ་འདོན། སྒྲུབ་བརྒྱུད་ཀྱི་བཀའ་བསྲུང་རྣམས་ལ་བསང་གསོལ་རེ་ཀྱང་བྱས། མཚམས་ལ་འདུག་པའི་སྐལ་བ་ནི་རེ་ཞིག་མ་བྱུང་མོད། མཁན་རིན་པོ་ཆེའི་བདག་རྐྱེན་ལ་རྟེན་ནས། གནས་བདག་མ་རྒན་ཞིག་གིས་རང་ལ་མཚམས་ཁང་རེ་ཟུང་རྒྱབ་སའི་ས་ཞིག་སྤྲོད་སོང་བས་སྤྲོ་སེམས་ཁོང་ནས་རྒྱས། དེར་མཚམས་ཁང་རེ་ཟུང་མགྱོག་པོ་ལས་ཐུབ་ན་བསམ། ཕྲན་དབེན་པའི་གནས་ཞིག་ཏུ་སྒྲུབ་པ་ཉམས་ལེན་རེ་བྱེད་འདོད་ཀྱི་འདུན་པ་ནི་རྒྱུན་དུ་ཆེ། རང་ལ་སེམས་ཐག་ཆེས་ཉེ་བའི་ཁྲ་འགུ་ཚང་གི་མཁན་སྤྲུལ་དགེ་བའི་བཤེས་གཉེན་སོགས་སྒྲུབ་བླ་རྣམས་དང་། བཀའ་བརྒྱུད་བསམ་ཡས་གླིང་གི་དད་དམ་ཅན་རེ་ཟུང་དང་། ཕྱི་རྒྱ་ཡུལ་གྲུ་ཀུན་ན་གནས་པའི་ངོ་ཤེས་ཡོད་པ་དག་འདི་ལྟ་བུའི་ཉམས་དགའ་བའི་དབེན་པའི་གནས་དག་ཏུ་ཡང་ནས་ཡང་དུ་འཛོམས་པའི་རེ་སྨོན་ནི་ཆེའོ།། འོ་ཡ་ད་ནི་་་་་🙏🏿🙏🏿🙏🏿

分享本文 :