創古寺喇嘛年度七日閉關圓滿
ལྕགས་གླང་ལོའི་བོད་ཟླ་དགུ་པ་ཕྱི་མའི་ཚེས་ཉི་ཤུ་གསུམ་སྟེ་སྤྱི་ལོ་༢༠༢༡ལོའི་ཟླ་༡༡ཚེས་༢༧གྱི་ཉིན་ལ། སྟག་ལུང་ཁྲ་འགུ་བཀྲ་ཤིས་ཡང་རྩེ་དགོན་དུ། སྤྲུལ་དམ་ཆོས་དང་། ཆོས་རྗེ་བླ་མ་དབང་ཕྱུག་སྟོབས་ལྡན། མཁན་རྒན་ཀརྨ་བཀྲ་ཤིས་གཙོས་པས། སྒྲུབ་པ་ཐོན་ཟིན་གྱི་སྒྲུབ་བླ་རྣམས་ལྷན་འཛོམས་ཐོག་བདུན་ཕྲག་གཅིག་གི་རིང་ལ་ཐར་པ་རིན་པོ་ཆེའི་རྒྱན་ལས་ལེའུ་བརྒྱད་པ་འཆད་ཉན་དང་། ཞི་ལྷག་བཅས་ལ་ཐུན་བཞི་བཅད་ནས་དེ་རིང་དཔལ་ལྡན་བླ་མ་དམ་པ་༧ སྐྱབས་རྗེ་ཡོངས་འཛིན་མཁན་ཆེན་ཁྲ་འགུ་རིན་པོ་ཆེ་མཆོག་ལ་མཇལ་བཅར་ཞུས་ཤིང་གསུང་གི་བདུད་རྩི་ཟབ་མོ་ཐོབ་པ་དང་། རྗེ་མི་ལའི་བླ་སྒྲུབ་ཚོགས་འཁོར་གྱིས་མཇུག་བསྡུས་ནས་ལེགས་པར་གྲུབ་སོང་།།
藏曆鐵牛年閏九月二十三日(公曆2021年11月27日),我與以祖古當確、確傑喇嘛旺秋竇滇、資深堪布噶瑪扎西為首的創古寺已完成傳統閉關的喇嘛們,一同在南摩布達創古仰澤寺開始了為期一週的閉關。閉關期間,我們每日講說聽聞《解脫莊嚴寶》第八品,並進行四座止觀禪修的修持。今日(12月4日),我們謁見了具德賢妙上師——總經教師怙主堪千創古仁波切,並獲得了仁波切的甚深語甘露。隨後,我們共同修持了密勒日巴尊者的上師相應法薈供,以此圓滿了一週閉關。