Yolmo Retreat Rooms
The fifth day of Saga Dawa (24th of May), saw the completion of several retreat rooms built by myself and a few dharma friends at the sacred practice site of Jetsun Milarepa at the Tiger Cave Lion Fortress in Yolmo.
On this day, I travelled to Yolmo with my true dharma friend, Khen Rinpoche Tsulnam, and others. We offered a feast through the Milarepa Guru Yoga and performed a few other dharma activities. I stayed the night and feigned a few practice sessions. The first retreatants started their retreats.
It is my hope and prayer that by providing these retreat rooms and the necessary conditions for those who wish to do retreat, that the precious dharma of the practice lineage may be sustained and furthered well into the future. May it be so.
ཉེ་སྔོན་ས་ག་ཟླ་བའི་ཚེས་ལྔ་ཉིན། རྗེ་མི་ལའི་སྒྲུབ་གནས་ཡོལ་མོ་སྟག་ཕུག་སེང་གེ་རྫོང་ལ་ངེད་ཅག་མཆེད་གྲོགས་ཚོས་མཚམས་ཁང་ཁ་ཤས་ཞིག་བཞེངས་པ་དེ་ལེགས་གྲུབ་བྱུང་ནས། གྲོགས་མཆེད་དམ་པ་མཁན་རིན་པོ་ཆེ་ཚུལ་རྣམ་སོགས་དང་ལྷན་དུ་ཡོལ་མོར་ཕྱིན། རྗེ་མི་ལའི་བླ་སྒྲུབ་གྱི་སྒོ་ནས་ཚོགས་མཆོད་སོགས་བྱས། རང་ཡང་ཞག་སྡོད་བྱས་ནས་ཐུན་རེ་བཟུང་ཁུལ་བྱས། ཐེངས་དང་པོའི་མཚམས་པ་རྣམས་མཚམས་ལ་བཞུགས། མཚམས་ཁང་དག་མཚམས་ལ་བཞུགས་འདོད་མཁན་དག་ལ་སྒྲུབ་པའི་མཐུན་རྐྱེན་དུ་གྱུར་ནས་སྒྲུབ་བརྒྱུད་ཀྱི་བསྟན་པ་རིན་པོ་ཆེ་ཡུན་དུ་དར་བའི་སྨོན་ལམ་ཡོད།