但願再見——主奔堪仁波切的非洲印象
ལྷོ་ཨ་ཧྥི་རི་ཀའི་རྒྱ་ཁབ་ཁག་གི་ནང་དུ་ཞིང་བཤེགས་དམ་པ་ཨ་དཀོན་རིན་པོ་ཆེའི་བླ་ན་མེད་པའི་ཐུགས་བསྐྱེད་ལས་འཁྲུངས་པའི་ཧ་ར་རིས་བསམ་ཡས་གླིང་དང་ཏཱ་ར་རོགས་པ་མཉམ་འབྲེལ་གྱིས་གོ་བསྒྲིགས་འོག་ནས། ད་ལམ་དད་ལྡན་མང་ཚོགས་རྣམས་ལ་བདུན་ཕྲག་གཉིས་ཙམ་རིང་ཆོས་འཆད་ཉན་དང་སྒོམ་སྒྲུབ་མ་ཚད་སྐྱབས་སྡོམ་དང་དགེ་བསྙེན་གྱི་སྡོམ་པ་འབོགས་པ་སོགས་ཆོས་ཀྱི་བྱ་བ་གང་ལེགས་བྱུང་།
在近日造訪非洲南部的兩週時間內,我與許多具有信心的人共同修習佛法。期間,我亦傳授了皈依戒與居士戒。在已圓寂的阿貢仁波切所創辦的津巴布韋哈拉里桑耶林與度母洛帕中心的籌辦下,所有的佛法活動均圓滿完成。
སྤྱི་རིགས་འདི་ཕྱོགས་ནས་མི་མང་པོ་ཞིག་ཆོས་ལ་དད་མོས་ཆེ་ཙམ་ཡོད་པའི་རྣམ་འགྱུར་འདྲ་ཡག་པོ་མཐོང་། ཁར་རྩང་ཡོ་རོབ་དུ་འགྲོ་བའི་སྐབས་གནམ་ཐང་ལ་ཡོང་ཞོར་དུ་ཨ་ཧྥི་རི་ཀའི་གདོད་མའི་མི་རིགས་ཀྱི་ལུགས་སྲོལ་དང་གོམས་གཤིས་ཡོད་སའི་གྲོང་གསེབ་ཞིག་ལ་ཆུ་ཚོད་གཉིས་ཙམ་གྱི་ཡུན་དུ་ལྟ་ཞིབ་ཕྱིན་པ་ཡིན། གྲོང་གསེབ་དེ་གའི་འགོ་པ་དང་གྲོང་མི་རྣམས་ཀྱིས་དགའ་བསུ་དང་སྣེ་ལེན་གང་ཐུབ་ཐུབ་བྱས་སོང་། ས་ཆ་དེར་མི་ལོ་ཉེར་གསུམ་ཙམ་གྱི་ཡར་སྔོན་དུ་ཤིང་བཤེགས་དམ་པ་ཨ་དཀོན་རིན་པོ་ཆེའི་ཤིང་སྡོང་ཞིག་གི་འོག་ལ་མི་གཉིས་བརྒྱ་ཙམ་ལ་སྐྱབས་སྡོམ་འབོགས་ས་རེད་ཟེར་བའི་ས་ཆ་ཞིག་ཀྱང་མཇལ།
我對非洲人的印象很好,許多人看起來對佛法非常虔誠並具有信心。最後一天,在去搭飛往歐洲航班的途中,我繞道參觀了一個村落。雖然只有短短兩個小時左右的時間,我仍有機會體驗到當地本土的風俗習慣與生活方式。村落首領和村民都非常的熱情好客。一些人告訴我,在二十三年之前,尊貴的阿貢仁波切曾在當地的一棵樹下,為二百人傳授了皈依戒。隨後,他們帶領我前往該處參觀。
མཐའ་ཁོབ་འདི་ལྟ་བུའི་ཡུལ་གྲུལ་ཞིག་ཏུ་ལེགས་མཛད་གནང་བ་མཐོང་ཐོས་གྱུར་ཚེ་ཁོ་བོ་ལ་དགའ་སྐྱོ་འདྲེས་མའི་ཚོར་བ་ཞིག་ཀྱང་བྱུང་། གྲོང་མི་དེ་ཚོས་རྩི་མཐོང་ཆེན་པོ་བྱེད་སའི་ལྷ་པ་འདྲ་བོ་རེད་ཟེར་བའི་མི་རྒན་ཞིག་གིས་ཁོ་ཚོའི་འཚོ་བ་སྐྱེལ་སྟངས་དང་གླིང་ཁ་སོགས་ངོ་སྤྲོད་བསྡུས་བསྡུས་ཞིག་ཀྱང་བྱས་སོང་། དེའི་ནང་ལ་ཉིན་གུང་གི་ཟ་མ་ཡང་ཟོས་ཡིན། འཚོ་བ་ནི་ངན་ཙམ་ཞིག་རེད་འདུག་ཁོ་བོས་ནང་ལྭ་ཞིག་དང་སྒོར་རྡོག་ཁ་ཤས་ཡང་སྤྲད་པ་ཡིན།
在如此邊遠偏僻的地區見聞到阿貢仁波切的慈悲行誼,令我感到悲喜交集。一位在當地人心目中德高望重的降神師賽庫魯舒姆巴(Sekuru Shumba),帶我四處參觀並為我介紹了他們平時的生活情況。之後我們在他家中共進了午餐,這也讓我看到他們的生活條件是如此簡陋。臨別時,我送了他一件衣服及一點錢。
ཡང་བུ་མེད་ཅིག་གིས་ངའི་སྐད་སྒྱུར་ཀརྨ་ཀུན་དགའ་ལ་བཤད་རྒྱུ་ལོ་བདུན་གྱི་ཡར་སྔོན་ནས་མོས་རྨི་ལམ་ལ་གླིང་ཁ་ཞིག་གི་ནང་དུ་ང་ཁྲིད་པ་རྨིག་མྱོང་བའི་གནས་ཚུལ་བཤད་པ་མ་ཟད་དེ་རིང་ང་མཐོང་དུས་སེམས་ཐག་ཉེ་བའི་ཚོ་བ་དང་ངའི་རྗེས་སུ་འཇུག་མོས་ཡོད་ཅེས་བཤད། ངས་མཐོང་བའི་ཨ་ཧྥི་རི་ཀའི་མི་དེ་རྣམས་ཡ་རབས་དང་དད་འདུན་ཆེ་ཙམ་ཡོད་པའི་ཚོར་སྣང་བྱུང་སོང་།
一位女士告訴我的翻譯更噶(Kunga),她在七年前做的一個夢:我在她的夢中,並將她帶到了一個花園。而今她見到了我本人,她感到和我非常的親近,並表達了想要追隨我的願望。
我遇到的非洲人都非常敦厚有禮,看起來也都具有很強的信心與意樂。
སྤྱི་དེ་ཡོད་ཀྱི་མི་མགའ་ཞིག་གིས་བཤད་པ་ལྟར་ན་ཨ་ཧྥི་རི་ཀ་ལ་བོད་བརྒྱུད་ནང་བསྟན་ཐོག་མ་སྤེལ་མཁན་ཨ་དཀོན་རིན་པོ་ཆེ་ཡིན་པ་བཤད་བྱུང་། ལྷ་ཁང་དང་མཚམས་ཁང་སྤྱི་ཚོགས་ཞབས་ཞུ་ཁང་སོགས། བསམ་ཡས་གླིང་དང་ཏཱ་ར་རོགས་པ་སོགས་ཚོགས་སྡེ་ཆེ་ཆུང་མང་པོ་ཞིག་ཀྱང་བཙུགས་འདུག གང་ལྟར་ཀྱང་ཁོང་གི་ཐུགས་སྟོབས་དང་མཛད་འཕྲིན་ནི་ཤིན་ཏུ་ངོ་མཚར་ཆེ་བ་ཞིག་འདུག ཁོང་ལ་སེམས་གཏིང་ནས་ཐུགས་རྗེ་ཆེ་ཞེས་ཞུ་སྙིང་ཞིག་འདོད་བྱུང་།
據當地人說,第一位將藏傳佛教帶到非洲的人是阿貢仁波切:他在當地建立了寺院、閉關中心,以及不同規模的提供社區服務的佛教中心,如哈拉里桑耶林與度母洛帕中心等。無論如何,阿貢仁波切的願力與佛行事業都極為不可思議,每當想起他所做的一切,都讓我內心由衷地生起深深的感恩之情。
གཞན་ཡང་ཧང་སང་བའི་གསར་འགྱུར་ཞིག་ལ་ང་ཨ་ཧྥི་རི་ཀར་ཕྱིན་ནས་སྒོར་དུང་ཕྱུར་མང་པོའི་བདག་པོ་ཆགས་སོང་། ད་སྔོན་བླ་མ་མང་པོ་ཞིག་གིས་ཧ་གོ་མེད་པ་འདྲ། ཧ་ཧ། ད་བདེ་མོ་གྱིས་རྗེས་སུ་མཇལ་ཡོང་།
最後我想和大家分享另一個出人意料的消息:在我去非洲的這段時間中,我竟變成了億萬富翁!似乎至今大部分的上師們都還不知道這在非洲是有可能的!哈哈!
送上我温馨的祝福並希望很快可以再見面。